感悟

作词:筑.索南泽仁

作曲:旦正才让

所属专辑:暂无

歌词

@migu music@



感悟 - 泽旺拉姆

词:筑·索南泽仁

曲:旦正才让

བསམ་ཤེས་འགྲོ་བ་མི།

ཚིག སྒྲུབ་བསོད་ནམས་ཚེ་རིང་།

དབྱངས། རྟ་མགྲིན་ཚེ་རིང་།

ལེན་མཁན། ཚེ་དབང་ལྷ་མོ།

འཇིག་རྟེན་མི་ཚེ།

མི་ཚེ་རྨི་ལམ་འདྲ།

རྨི་ལམ་ནང་གི་ང་ཚོ་ཡང་།

སྡོད་པ་ལོ་ངོ་ཁ་ཤས་རེད།

ལོ་ངོ་ཁ་ཤས། འདི་ཡི་ནང་ལོགས་ལ།

རྙོག་གྲ་ཚ་བོ་མ་གནང་རོགས།

རྙོག་གྲ་མེད་པའི་མི་རྣམས་སེམས་པ་དྲོ།

དགོས་པ་མེད་པའི་ཁ་འཛིང་ཚིག་འཛིང་ནི།

མི་སེམས་ཉི་མ་ཉི་མ་གསོད་སྤྱད་ཡིན།

ཨེ་ སྤུན་ཟླ།

བསམ་ཤེས་འགྲོ་བ་མི་རྣམས་ཀྱིས།

དོན་མེད་ཁ་འཛིང་ཁ་འཛིང་མ་གནང་རོགས།

ང་ཚོ་བསམ་ཤེས་འགྲོ་བ་མིས།

ཁ་འཛིང་མ་གནོངས།

ད་རེས་ལན་གཅིག་འཛོམས་པ་རེད།

ལན་གཅིག་འཛོམས་པའི་དུས་ལ་འགྲིག་མཐུན་དགོས།

རྙོག་གྲ་མེད་པའི་མི་རྣམས་ལ།

སེམས་པ་ཉི་མ་དྲོ་དྲོ་ཡིན།

འཇིག་རྟེན་མི་ལུས།

ཐོབ་པ་ལན་གཅིག་རེད།

ང་ཚོ་འཁོར་བའི་མི་རྣམས་ཀྱང་།

ད་རེས་འཛོམས་པ་ལན་གཅིག་ལན་གཅིག་རེད།

ང་ཚོ་ལས་ཀྱིས་འཛོམས།

ང་ཚོ་སེམས་ཀྱིས་འཛོམས།

ད་རེས་ལན་གཅིག་འཛོམས་པའི་དུས།

རྙོག་གྲ་ཚ་བོ་ཚ་བོ་མ་གནང་རོགས།

རྙོག་གྲ་མེད་པའི་མེད་པའི་མི་རྣམས་ནི།

རང་སེམས་ཉི་མ་ཉི་མ་དྲོ་དྲོ་ཡིན།

ཨེ་ སྤུན་ཟླ།

དོན་མེད་ཁ་འཛིང་མ་གནང་རོགས།

དགོས་པ་མེད་པའི་ཁ་འཛིང་མ་གནང་རོགས།

དོན་མེད་ཁ་འཛིང་མ་གནོངས་དང་།

མི་སེམས་ཉི་མ་ཉི་མ་དྲོ་དྲོ་ཡིན་ནོ།

འཇིག་རྟེན་མི་ལུས།

ཐོབ་པ་ལན་གཅིག་རེད།

ང་ཚོ་འཁོར་བའི་མི་རྣམས་ཀྱང་།

ད་རེས་འཛོམས་པ་ལན་གཅིག་ལན་གཅིག་རེད།

ང་ཚོ་ལས་ཀྱིས་འཛོམས།

ང་ཚོ་སེམས་ཀྱིས་འཛོམས།

ད་རེས་ལན་གཅིག་འཛོམས་པའི་དུས།

རྙོག་གྲ་ཚ་བོ་ཚ་བོ་མ་གནང་རོགས།

རྙོག་གྲ་མེད་པའི་མེད་པའི་མི་རྣམས་ནི།

རང་སེམས་ཉི་མ་ཉི་མ་དྲོ་དྲོ་ཡིན།

ཨེ་ སྤུན་ཟླ།

དོན་མེད་ཁ་འཛིང་མ་གནང་རོགས།

དགོས་པ་མེད་པའི་ཁ་འཛིང་མ་གནང་རོགས།

དོན་མེད་ཁ་འཛིང་མ་གནོངས་དང་།

མི་སེམས་ཉི་མ་ཉི་མ་དྲོ་དྲོ་ཡིན་ནོ།

ཡིག་བསྒྱུར་བ། མི་དབང་མགོན་པོ།

展开